༄༅།།གངས་ནོར་གཡོས་སྦྱོར་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭའི་ངོ་སྤྲོད་མདོར་བསྡུས།
གངས་ནོར་གཡོས་སྦྱོར་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭ་ནི་མདོ་སྨད་ཀན་ལྷོའི་གཙོས་དགོན་པའི་ཉེ་འདབས་སུ་ཡོད་ལ།དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཆིག་སྟོང་ལྷག་ཡོད།དེ་ནི་༢༠༠༩ལོར་བསྟན་པ་རིག་གནས་སློབ་གསོ་ཡར་སྐུལ་ཚོགས་པས་རོགས་སྐྱོར་འོག་ཀན་ལྷོ་དགེ་ཐོན་སློབ་གྲྭ་ནས་སྒྲུབ་པའི་མ་བྱན་འཛིན་གྲྭ་དེའི་རྨང་གཞིའི་སྟེང་ཡར་རྒྱས་གོང་འཕེལ་བྱུང་ཞིང་ད་ལྟའི་གསོ་སྦྱོང་ལྟེ་གནས་སུ་གྱུར་བ་རེད།དེར་ལས་བཟོ་བ་བཅོ་ལྔ་ལྷག་ཡོད་པ་དང་དེའི་ནང་མཐོ་རིམ་ཇ་དཔོན་གསུམ་དང་འབྲིང་རིམ་ཇ་དཔོན་བཞི།ད་དུང་ཟས་རིགས་སྔོག་འདོན་དང་ཞིབ་འཇུག་པ་ལྔ་བཅས་ཡོད་ལ།ཁོ་ཚོ་ཚང་མ་སློབ་དཔོན་ཆེན་མོ་དང་འབུམ་རིམ་པའི་ཐོབ་ཐང་ཡོད་པའི་མི་སྣ་ཁག་ཅིག་ཡིན།མིག་སྔར་བོད་ཟས་རིགས་བདུན་བརྒྱ་ལྷག་སྔོག་འདོན་བྱས་པ་དང་བོད་རིགས་མ་བྱན་ཉིས་བརྒྱ་ལྷག་སྐྱེད་སྲིང་བྱས།ཁོ་ཚོས་བོད་ཁུལ་སོ་སོ་ན་ཟས་རིགས་གཡོ་སྐོལ་གྱི་ལས་ཀ་གཉེར་བཞིན་ཡོད།ངེད་གངས་ནོར་ཟས་མཆོག་བཞེས་སྤྲོ་གླིང་ནས་སློབ་མཐར་ཕྱིན་པའི་མ་བྱན་གསུམ་༢༠༡༢ལོའི་ཟླ་༨པར་ཀན་སུའུ་ལན་ཇི་ནས་བསྡུས་པའི་ཀྲུང་གོའི་ལན་ཇིའི་དངུལ་ཁང་རྟགས་ཅན་གྱི་ལན་ཇིའི་སྐམས་རུས་ཐུག་རིང་ལག་རྩལ་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ་ལ།གངས་ནོར་ཟས་མཆོག་བཞེས་སྤྲོ་གླིང་ནི་ལན་ཇིའི་མགྲོན་ཁང་དང་ཟས་རིགས་ལས་རིགས་ལྷ་ཚོགས་ཀྱི་ཡན་ལག་ཚོགས་པ་ཡིན་པར་མ་ཟད།བོད་ཁམས་ཡོངས་ཀྱི་བོད་ཟས་ཞིབ་འཇུག་དང་དར་སྤེལ།སྔོག་འདོན་དང་འཚོལ་སྡུད།གསབ་སྦྱོང་བྱེད་སའི་གནས་གཅིག་པུ་དེ་ཡིན་ནོ།།